སྤངསྟོད་ལྷ་བྱ་གོང་མོ།།
ཨ་མ་མེད་པ་མ་རེད།།
རི་མགོ་མཐོ་རིང་མཐོ་ཚད།།
ལྷ་བྱའི་ཨ་མ་རེད་པ།།
བྱང་སྟོང་བྱེ་མའི་དཀྱིལ་གྱི།།
དམར་པོ་པི་པི་དམར་ཆུང་།།
ཁྱོད་རའི་ཚོན་མདོག་ཡག་ཀྱང་།།
རྒྱལ་བའི་ན་བཟའ་མི་ལོ།།
བྱང་སྟོང་བྱེ་མའི་དཀྱིལ་གྱི།།
ལྡུམ་བུ་ཨ་ཀྲོག་སྦ་ཀྲོག།
ཁྱོད་རང་ཀྲོག་ཀྲོག་མ་བྱེད།།
དཀྲོག་མཁན་རླུང་བུ་སླེབ་ཡོང་།།
ལྷ་སའི་ཁྲོམ་ནས་ཉོས་པའི།།
དཔའ་དམ་འདོམ་པ་བཅོ་བརྒྱད།།
ན་ནིང་མི་གཅིག་བསད་པས།།
ད་ལོ་སྲི་གཅིག་ལངས་བྱུང་།།
……