སྒྲིག་འཇུག་བྱེད་བཞིན་ཡོད།...
 
     
 

སྒྲིག་འཇུག་བྱེད་བཞིན་ཡོད།...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག་བྱེད་བཞིན་ཡོད།...
དཔྱད་གཏམ་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཟིན་ཐོ་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཆེམས་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
འཚོལ་བཤེར།
ཚོགས་མི་ནང་འཇུག
སྒྲིག་འཇུག་བྱེད་བཞིན་ཡོད།...
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག་བྱེད་བཞིན་ཡོད།...


 
འོད་དུ་འཚེར་བའི་རྡོ་རིང་།
[ 2008-11-28 22:49:00 | By: འབར། ]
 

འོད་དུ་འཚེར་བའི་རྡོ་རིང་།

 

 

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ།

ལོ་རྒྱུས་ཤིག་གི་འགན་འཁྲི་བསམ་ནས་ཆོས་སྲིད་གཉིས་ཀྱི་ཐེག་ཆེན་བཞེས།།

ལོ་ངོ་དགུ་ལ་མུན་ནག་བཙོན་ནས་ཉེས་མེད་ཁྲིམས་ཀྱི་གཉའ་ཤིང་ཁུར།།

མི་རིགས་ཤིག་གི་སྐྱིད་སྡུག་མཚོན་པའི་ཡིག་འབྲུ་ཁྲི་བདུན་སྙན་ཞུར་བཀྲམས།།

མི་ལོ་ལྔ་བཅུའི་རྣམ་ཐར་སྐྱུར་མོ་གངས་ཅན་བོད་མིའི་སེམས་སུ་བཞག །

 

འབའ་བ་ཕུན་ཚོགས་དབང་རྒྱལ།

བཅུ་དྲུག་ལང་ཚོའི་ཁོ་ལག་རྒྱས་དུས་ཁེར་ཚུགས་བསམ་བློའི་མྱུ་གུ་རྒྱས།།

ལོ་ལས་བརྒལ་བའི་ལ་རྒྱའི་སྙིང་སྟོབས་ཉིད་ཀྱི་མི་ཚེའི་ཤོག་ངོར་འཚེར།།

དགུ་ཟུང་ལོ་ཡི་རྣམ་ཐར་སྐྱུར་མོ་རྐྱེན་ངན་གྲོགས་སུ་ཤར་བ་ཡིས།།

རྩོད་སྒྲུབ་རིག་པའི་འོད་ཀྱི་ལམ་བུ་འཛམ་གླིང་འཛིན་མའི་ཁྱོན་ལ་བསྐྱངས།།

 

སྐྱེས་སྨན་རྩོམ་པ་པོ་ཚེ་རིང་འོད་ཟེར།

སྨྱུ་གུའི་རྩེ་ནས་དྲང་བདེན་གཏམ་གྱི་རི་མོ་འབྲི་རྒྱུའི་སྤོབས་པ་བཞེས།།

རང་དབང་ཆེད་དུ་རང་དབང་ཤོར་བའི་ལོ་རྒྱུས་སྐྱུར་མོ་གདོང་ལ་བླངས།།

མི་འཇིག་དམ་བཅའ་སྙིང་ལ་བགོས་ཏེ་བོད་པའི་ལས་དབང་སྨྱུག་རྩེར་དྲངས།།

ད་ལྟའི་བོད་ཀྱི་གནས་བབ་སྨྲ་བའི་དྲང་བདེན་དཔའ་བོ་ཁྱོད་ལས་སུ།།

 

གོ་འཇོ་བ་བཀྲ་ཤིས་སྟོབས་རྒྱལ།

ཁ་མིན་དོན་གྱི་ལ་རྒྱའི་རུས་རྐང་ཤ་ཁྲག་རྒྱུ་མའི་གསེང་ནས་རྒྱས།།

དཔོན་ངན་རུལ་བའི་ངན་མཚང་བརྟོལ་བར་རང་གི་ཕོར་བ་གཏའ་མར་བཞག།

གཞི་རིམ་སློབ་གསོའི་ཉོག་རྒྱའི་སྙན་ཞུ་མིག་ལྡན་ཀུན་གྱི་མདུན་དུ་བསྟར།།

མི་རིགས་སློབ་གསོའི་ལས་དོན་ལྕི་མོ་སུན་མེད་སྙིང་ནས་དུས་ཀུན་བཞེས།།

 

 

༢༠༠༨ལོའི་ཟླ་༥པའི་ཚེས་༦ཉིན། པེ་ཅིན་ནས།

 
 
 
Re:འོད་དུ་འཚེར་བའི་རྡོ་རིང་།
[ 2008-12-4 15:48:24 | By: shitsangwa ]
 
shitsangwaཨ་མའི་བུ། སོང་ས་ན་རྐང་རྗེས་དང་བསྡད་ས་ན་ལག་རྗེས་ཡོད་པའི་སྨོན་འདུན་ཞུ།
 
 
 
Re:འོད་དུ་འཚེར་བའི་རྡོ་རིང་།
[ 2008-11-30 22:38:56 | By: tsampa ]
 
tsampaཁྱེད་རང་ཕེབས་པར་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་གིས་དཀའ་ལས་མྱོང་གི་འདུག་གམ།
 
 
 
Re:འོད་དུ་འཚེར་བའི་རྡོ་རིང་།
[ 2008-11-30 17:03:58 | By: khrgavthung ]
 
khrgavthungགྲོགས་པོ་བཀླགས་ཟིན། རྒྱང་རིང་གི་ཁྱེད་ལ་བྱ་བ་ལེགས་འགྲུབ་ཡོང་གི་སྨོན་ལམ་འདེབས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
 
Powered by Oblog.