བརྩེ་སེམས་མཚོན་པའི་ཟུར།
ཁྱོད་སེམས་རླུང་གིས་བསྒུལ་བའི་ཕ་རོལ་ནས།།
ཐོན་མིའི་རིག་གཞུང་འདེགས་པའི་གྲུ་བཟང་ཞིག།
གདོང་དམར་རིག་པའི་བུ་ལ་ཕུལ་བའི་དགེ།
དེང་འདིར་མིག་གིས་མཐོང་བས་སྤྲོ་བ་འཕེལ།།
མཁས་རྒུའི་མཛའ་སེམས་མཐུད་པའི་གསེར་ཟམ་འདི།།
དཔྱོད་ཤེས་རིག་པའི་ནོར་བུ་ཕུལ་སའི་གཞིར།།
ཀུན་གྱིས་གོ་བས་ཁྱོད་ཀྱི་བཀའ་དྲིན་ལ།།
ངོ་མཚར་དགའ་བ་སྟོང་གི་མཆོད་པ་ཡོད།།