ཟིན་བྲིས་པ་ཞིག་གི་ཐོག་མའི་དམིགས་ཡུལ།
བདག་ནི་ཧམ་སེམས་ཀྱིས་འཚོ་བའི་བོད་ཡིག་ཟིན་བྲིས་པ་ཞིག་ལེགས་ཤིང་། མདོར་དེད་ན་ཡིག་རིགས་གཞན་དག་ལ་རྨོངས་པའི་བོད་ཀྱི་ཟིན་བྲིས་པ་ཞིག་ཀྱང་ཡིན། ཁོ་བོའི་སེམས་ངོར་བོད་ཡིག་དྲ་ཚིགས་འདི་ལ་ལག་རྩལ་པ་དང་འབྱོར་ལྡན་པ་གཙོས་མི་ལྷག་བསམ་ཅན་སྐོར་ཞིག་གིས་ངལ་བ་ཁྱད་བསད་སྒོས་ཀུན་གྱི་གཟིགས་མོར་ཧི་གཟུགས་ཀྱི་ལམ་ནས་བཀྲམ་པ་འདི་གསར་རྗེས་ཐེངས་ཤིག་དང་འཛམ་གླིང་གི་དྲ་བའི་རིག་གནས་ཀྱི་རྗེས་སུ་མཆོངས་བསྐྱོད་ཆེན་པོ་ཞིག་བྱས་པ་ངོ་ཤེས་པའི་ལམ་ནས། འདིར་འོང་ཟིན་བྲིས་པ་དག་གིས་ཀྱང་ཁ་ལ་གང་འོང་ཟས་དང་། ལག་ལ་ཅི་འབྱོར་དངུལ་དུ་མི་གཏོང་བར་གཟབ་ནན་གྱིས་རིག་གནས་བརྗེས་རེ་ཞིག་དང་། བོད་མི་རིགས་སློབ་གསོ་ཡུན་གནས་ཀྱི་བསམ་གཞིགས་ཞིབ་མོར་བཏང་ནས་སྤེལ་རྒྱུ་མཁྱེན། ད་དུང་མི་ཡི་སྒེར་གཤིས་ཁོ་ནར་ཁྱད་གསོད་བྱེད་པ་དང་། གང་བྱུང་མང་བྱུང་གི་ཟིན་ཐོ་གཏོར་བརླགས་ཀྱི་རང་བཞིན་ཐན་མི་སྤེལ་རྒྱུར་རེ་བ་ནན་ཞུ་བྱས་པ་ཡིན།