སྒྲིག་འཇུག་བྱེད་བཞིན་ཡོད།...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག་བྱེད་བཞིན་ཡོད།...
དཔྱད་གཏམ་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཟིན་ཐོ་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
ཆེམས་གསར་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
འཚོལ་བཤེར།
ཚོགས་མི་ནང་འཇུག
སྒྲིག་འཇུག་བྱེད་བཞིན་ཡོད།...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག་བྱེད་བཞིན་ཡོད།...


 
རླུང་གིས་ཁུར་བའི་རྣམ་ཤེས
[ 2008-11-30 23:41:00 | By: ལྷམ་ཀོག ]
 
རླུང་གིས་ཁུར་བའི་རྣམ་ཤེས།
 
བརྩེ་བའི་རླུང་བུ་འདི་ལག་པས་མ་ཟིན་པར་བོར་སོང
སྙིང་གི་གཏམ་རྒྱུད་འདི་གཞན་དུ་མ་སྨྲ་བར་རྙིང་སོང
 
ཁྱོད་ཀྱིས་ངའི་བར་སྣང་ལ་ལྟོས་ཤིག
སྤྲིན་དཀར་གྱི་དུམ་བུ་ཞིག་བར་དོ་ན་ལང་ལོང་གཡོ་བ་བཞིན
བྱ་ཁྱུང་རྫ་རི་སྨུག་པོའི་ཐོང་ཀ་རུ་དཔྱངས་འདུག
 
ངའི་ས་གཞི་དང་  ངའི་ནམ་མཁའ
སྐྱོད་ཆོག་པའི་འཕུར་ལམ་བདེ་མོ་དག་གི་ངོས་སུ
སྐར་མ་དང་རྩྭི་ཤིང་ལ་ཁོང་འདར་རྒྱག་གིན་ཁྱོད་ལ་ལྟ
 
ད་དུང་འུར་ཟིང་གི་རྣམ་པར་འཕྱོ་བའི་དགུ་ཆུ་འདིས་ཀྱང
ཛ་དྲག་གི་སྐད་འབོད་བྱེད་གྱིན   ན་ཟུག་དང་སྐྱོ་སྣང་གིས
ལོ་ངོ་དུ་མའི་ཐོབ་ཤོར་ལ་མིག་ཆུ་འདོན་གྱིན་ཡོད
 
ཁེར་ཚུགས་ཀྱིས་འགྲེངས་པའི་སིལ་སྡོང་གི་ལོ་མ་རེས་ཀྱང
བྱེའུའི་ཚོགས་ཀྱི་ཅ་ཅོ་ལ་རང་སེམས་མ་གཡེངས་པར
ཕྱི་དྲན་གྱི་སྡུག་བསྔལ་ཁོང་དུ་རྔུབ་གྱིན
ད་ལོའི་དགུན་ཟླ་འདི་ལ་ཕྱོགས་སུ་འཕུར་གྱིན་འདུག
 
ངའི་བརྩེ་བ    ངའི་དུངས་པ
ད་ལོ་གཞི་ནས་ཁ་བ་དང་བསྡོངས་ནས་འབབ་མགོ་ཚུགས་བྱུང་
 
 
 
 
 
Re:རླུང་གིས་ཁུར་བའི་རྣམ་ཤེས
[ 2008-12-5 15:19:05 | By: tibetanjang ]
 
tibetanjangཁྱེད་ཀྱི་སྙན་ངག་འདི་ཧ་ཅང་སྙན་ཞིང་འཇེབས་པའི་གླུ་ཞིག་འདྲ། འབད་བརྩོན་བྱོས། བཀྲ་ཤིས་བདེ་ལེགས།
 
 
 
Re:རླུང་གིས་ཁུར་བའི་རྣམ་ཤེས
[ 2008-12-1 1:36:07 | By: lmgo ]
 
lmgoབདག་གི་ཀློག་པ་ལགས་ཁྱོད་ཅག་གིས་བདག་གི་སྙན་ངག་འདི་ལ་ལྟ་ཚུལ་རེ་འདོན་པར་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག་བྱེད་བཞིན་ཡོད།...
Powered by Oblog.